《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(2026ལོ)》ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུའུ་ཡིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(2026ལོ)》(བསྡུས་མིང་ལ“2026ལོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག”ཅེས་བརྗོད་རྒྱུ)ཁྱབ་བསྒྲགས་བྱས་ནས་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཅས་ཀྱིས་སྣེ་ཁྲིད་བྱས་ཏེ། མཐོ་རིམ་སློབ་གསོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ནུས་དང་ལེགས་སྐྱེས་འབུལ་ནུས་རྒྱུན་མཐུད་ངང་མཐོ་རུ་བཏང་བ་རེད།

རིག་ཚན་དང་ཆེད་ལས་དཀར་ཆག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་དང་ཞིབ་འཇུག་སློབ་མའི་སློབ་གསོའི་རིག་ཚན་དང་ཆེད་ལས་དཀར་ཆག་དབར་འབྲེལ་མཐུད་དམ་ཚགས་དང་གོང་འོག་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་དར་སྣོལ་སྡེབ་རིག་ཚན་འཕེལ་རྒྱས་དང་མཉམ་འདུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དགོས་མཁོ་དང་དེ་བས་འཚམ་ཆེད། 2026ལོར་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་གིས“སྣོལ་སྡེབ་རིག་ཚན”ཁྲོད་མ་འོངས་འཕྲུལ་མི་དང་སྣོལ་སྡེབ་ལས་གྲྭ་སོགས་རིགས11དཀར་ཆག་ནང་ཐོག་མར་བཅུག་པ་དང་། གཟུགས་ལྡན་རིག་ནུས། ཀླད་འཁོར་ཚན་རིག་དང་ལག་རྩལ་སོགས་ད་ཐེངས་དཀར་ཆག་ནང་བཅུག་པའི་ཆེད་ལས་གསར་པ་རིགས4ཡོད་པ་རེད། མིག་སྔར་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ནང་ཁྱོན་རིགས13དང་། ཆེད་ལས་རིགས92། ཆེད་ལས་སྣ883བཅས་ཚུད་ཡོད་པ་རེད། 

བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱིས་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་ས་ཚིགས་ཁྲི1.02གསར་སྣོན་བྱས་པ་དང་། ཆེད་ལས་རིགས་ཁྲི1.22མེད་རཔ་བཟོས་པའམ་ཡང་ན་བསྡུ་མཚམས་བཞག་པ་རེད། ཆེད་ལས་ལེགས་སྒྲིག་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་རིམ་རྩིས་བྱས་ན་ལེགས་སྒྲིག་བསྡུར་ཚད30%ལས་བརྒལ་བ་དང་། ད་ལོར་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་ཆེད་ལས་ལེགས་སྒྲིག་བསྡུར་ཚད10%ལས་ཐོག་མར་བརྒལ་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་། མཐོ་སློབ་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།